text stringlengths 1 310 |
|---|
གསས་མཁར་འོད་ལ་མ་ཡེད་བསྒྲུབས྾པའི་ཕྱིར་། ཆུ་དམིག་རྒྱ་༡༠འི་གནས་སུ་བསྒྲུབས་པ ་ |
ཡིན། མི་མངོན༴ བསྒྲུབ་གཤེན་༴ ཐབས་དང་རོལ་བ༴ སྣང་བ་མདོག་ཅན་དོན་ལྡན་ཟེར ་ |
འཕྲོ་མས། མི་འགྱུར་གཡུང་དྲུང་ས་ལ་བཀོད་པའི་ཕྱིར། ༔རིན་ཆེན་སྤྲུལ་པའི་རི་ལ་བསྒྲུབས་པ་ཡིནཿ །། |
རིན་ཆེན་སྤྲུལ་པའི་རི་ལ་བསྒྲུབས་པ་ཡིན། མི་མངོན་༴ སྒྲུབ་གཤེན་༴ ཐབས་དང་གཤེན་རབ་རོལ༴ |
ཕྱགས་ན་ཁྲམ་ཤིངས་བསྣམས། ཡང་ནུབ་ཕྱོགས་འཁོར་ལོ་སྟིང་དུ་། བསྭོ་མུ་བར་ཡམ་ཏ་ཧེ་ཧེ་ལམ་ལམ་ |
ཧེ་ཧེ་ཁམ་ཁམ་ཨ་ཧེ་ཧུང་ཕཊ་ཕཊ༔ ནུབ་ཕྱོགས་སུ་ཕུང་པོ་ལུས་ལེན་གྱིས་བདུད། སྐུ་མདོག་ནག་པོ་ |
ཕྱག་ན་རླུང་ནག་ཞགས་པ་བསྣམས། ཆིབས་སུ་རྔ་མོང་ལ་བཅིབས། ཡང་བྱང་ཕྱོགས་སུ་འཁོར་ལོ་ |
༡་སྟིང་དུ་། བསྭོ་ཨཱོཾ་ཡང་དུར་བྱུང་ཏིལ་ཡ་ཡ་ཕཊ་ཕཊ༔ བྱང་མ་རིག་འཁྲུལ་པའི་ |
བདུད། སྐུ་མདོག་དམར་པོ་། ཆིབས་སུ་དྲིལ་རྟ་དམར་པོ་ལ་བཅིབས་པ། ཕྱག་ན་ཁྲམ་ཤིང་བསྣམས་པ་།། |
དེའི་ཕྱི་རིམ་དུ་ཕྱོགས་༤་མཚམས་བརྒྱད་དུ། འཁོར་ལོ་རྩེ་བརྒྱད་ཀྱིས་སྟིངས་དུ། ཕྱོགས་༤་ཛ་༤་། |
ཆུ་ཆོད་སྔོ་ཡི་འདྲེ་ཡོམ་གཅོད། ཆུ་ནག་སོག་ཆོད་ཀྱིས་བཅད། དབོབ་ནོན་སྲིད་པའི་ནང་གོང་ལ། |
ལྷ་མི་སྲིད་ས་ཡོར་འོང་ན། སྲིན་པོའི་ཆོ་འཕྲུལ་ཡར་མར་འདྲེ། ལྷ་ལམ་བཤགས་ཤུག་ཡར་ལ་དྲངས། |
ཕོ་ཡི་སྒྲ་བླ་མཐུ་ཆེན་རྣམས། མདོས་ཕྱིར་མ་འགྲོ་སྨར་ལ་སྐྱོབས། མཁན་ཤུག་དུད་པའི་ཡར་ལ་བསང་། |
ཕྱེ་མར་དཀར་བོའི་བསང་ཡར་འབུལ། བྱ་བཟང་༤འི་སྐད་ཀྱིས་བསྟོད། མདའ་དར་འདིའི་གྲིབ་ལ་སྐོར། |
སྲིད་པའི་ཕྱ་གཡང་སླར་ལ་སྐྱོབས། སྲིད་པའི་རྟ་བླ་རྨང་པོ་ཡང་། མདོས་ཀྱིས་ཕྱིར་སླར་ལ་བླན་ །། |
སྲིད་པའི་ཡིད་རྡ་ལ་གཟིགས། མཛོའ་བླ་དྲ་ལ་ལརོའིས་རྣམས། འབྲས་དང་ནས་ལ་ཤེས་གོད་ལ། |
༄༅།། ༧ །།འཕེན་ཡུལ་བྲག་དཀར་གནས་སུ་བསྒྲུབས། མི་མངོན་དབྱིངས༴ བསྒྲུབ་གཤེན༴ ཐབས་དང་ ༴ |
ཤ་བུ་ར་ཁུཊ་རང་གསལ་འོད་ལྡན་མས། ཀུ་དོན་སྤྱོད་པའི་གནས་ལུགས་རྟོགས་པའི་ཕྱིར་། དྲུང་ |
ཀྱིས་རྟག་འཚལ་གནས་སུབསྒྲུབས་༴ མི་མངོན་༴ སྒྲུབས༴ ཐབས་དང༴ སྟོང་རྒྱུང་མཐུ་ཆེན་མཚོ་སྨན་རྒྱལ་མོ་ཡི། |
ལོག་པ་ད་ཚལ་གཅོད་བར་ཆོད་ཞི་བའི་ཕྱིར། གནམ་མཚོའ་དོག་ལིང་གནས་སུ་བསྒྲུབས་པ༴ མི་མངོན༴ |
བསྒྲུབ༴ ཐབས་དང་༴ ཤ་རི་དབུ་ཆེན་ལྕེ་ཚ་མཁའ་བུའི། གྱིམ་ཚ་རྨ་ཆུང་ལྷ་ལྕམ་འོད་འཕྲོ་དང་།། |
ཀླུ་སྨན་གཏེང་བཙུན་སྨན་བཙུན་ཕྱུག་མོ་ཡིས། ཐབས་ཤེས་འདུ་འབྲལ་མེད་པར་བསྒྲུབས་པའི་ |
བ་བཞི་པོ་བཞེངས། དུས་གསུམ་སྟོན་པ་ཐམས་ཅད་བཞེངས། རིག་འཛིན་བརྒྱུད་འཛིན་ཐམས་ཅད་བཞེངས། ཕྱྭ་དང་གཡང་གི་ལྷ་ཚོགས་བཞེངས། |
གསང་བ་ཕྱྭ་དང་གཡང་གི་ལྷ་ཚོགས་རྣམས། མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ།། བསྭོ་མི་མིག་དབྱིངས་ཀྱི་གཞལ་ཡས་ནས། |
གཡང་གི་ལྷ་ཚོགས་རིག་འཛིན་རྣམས། ཕྱྭ་གཡང་བསྒྲུབས་པའི་ལྷ་ཚོགས་འཁོར་དང་བཅས། སྤྱན་འདྲེན་འབྱོན་པའི་སྐུ་དོན་མི་མངའ་ཡང་། |
སེམས་ཅན་ཕྱྭ་གཡང་ལོངས་གསོ་སྤེལ་པས་ཕྱིར། རང་བཞིན་དག་པའི་གནས་ནས་སྤྱན་འདྲེན་གྱིས། སེམས་ཅན་དོན་ལ་བརྩིག་པའི་ཐུག་དགོངས་ |
ལ། གསང་བའི་གཡང་གི་དཀྱིལ་འཁོར་ཆེན་པོ་འདི། ཐུགས་རྗེའི་བྱིན་གྱིས་རླབ་ཅིང་གཤེགས་སུ་གསོལ། མགོན་སྐྱོབ་སྤྲུལ་པའི་ |
༄༅་། འཁོར་དང་བཅས་སྟེ་གཤེགས་སུ་གསོལ། དངོས་གྲུབ་ཆར་ལྟར་འབེབས་ཅིང་གཤེགས་སུ་གསོལ།། ད་ནི་བཞུགས་སོ་བ་ནི། ཕྲོ་བྲང་ཤིན་དུ་ཉམས་ |
དགའ་ནས། ཡིད་ཀྱི་སྤྲུལ་པའི་གནས་འདི་རུ། གསང་བའི་ཕྱྭ་གཡང་ལྷ་རྣམས་ཀུན། པདྨ་མཛེས་པའི་གདན་སྟེངས་སུ། |
ཐུགས་རྗེས་དགྱེས་པའི་ཚུལ་གྱི་བཞུགས་སུ་གསོལ།།༧ ད་ནི་ཕྱག་འཚལ་བ་ནི། ཕོ་བྲང་ཡིད་འོང་ཉམས་དགའ་ཡིས། ཉམས་དགའི་ཡིད་འོང་གནས་ |
དག་ན། ཕྱྭ་དང་གཡང་གི་ལྷ་ཚགས་བཞུགས་པ་ལ། གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། ཐུགས་རྗེའི་ངང་ལས་རྟོག་པ་འགྱུར་བའི། |
དབྱིངས་སུ་ལྷ་ལ་ཕྱག་འཚལ་ལོ། རིག་པའི་ལྷ་རུ་གྱུར་བ་ཡིས། དུས་བཞིའི་ལྷ་ལ་ཕྱག་འཚལ་ལོ། རོལ་པའི་ལྷ་རུ་གྱུར་བ་ཡི། |
།།ྃ ཕྱག་བཞེས་དབུ་ལགས་སྷོ །།ྃ྾ |
Subsets and Splits
No community queries yet
The top public SQL queries from the community will appear here once available.